ཟིན་འགོད་དང་བསྐྱར་ཞིབ་སྡེ་ཚན།


ཟིན་འགོད་དང་བསྐྱར་ཞིབ་སྡེ་ཚན་འོག་ལུ་ ཟིན་འགོད་སྡེ་ཕྲན་དང་ བསྐྱར་ཞིབ་སྡེ་ཕྲན་སྦེ་ དབྱེ་བ་ཕྱེ་སྟེ་ཡོད། སྡེ་ཚན་འདི་ རྩོད་དཔོན་ཡོངས་ཁྱབ་འོགམ་གིས་ འགོ་ཁྲིད་འབདཝ་ཨིན།

ཟིན་འགོད་སྡེ་ཕྲན་གྱིས་ གཞུང་གིས་ དྲི་གཏུགས་འབད་མི་ དཔྱད་ཡིག་ཚུ་ ཟིན་འགོད་བཏབ་དང་འབྲེལ་ འབྲེལ་ཡོད་ལྷན་ཁག་/ལས་སྡེ་ཚུ་གིས་ མངོན་གསལ་ཅན་གྱི་སྲིད་བྱུས་ལམ་སྟོན་ཚུ་བྱིན་དགོ་པའི་ཁར་ ཟིན་འགོད་བཏབ་ནིའི་དོན་ལུ་ ཡིག་ཚང་འདི་ལུ་ མཁོ་གལ་ལྟར་ གྲོགས་རམ་གང་དྲག་བྱིན་དགོཔ་ཨིན། དེ་གི་དོན་ལུ་ འབྲེལ་ཡོད་ལྷན་ཁག་/ལས་སྡེ་ཚུ་གིས་ འབྲེལ་ཡོད་ལས་སྡེ་དང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་བར་ན་ གཞུང་འབྲེལ་གྱི་འབྲེལ་བ་འཐབ་ནི་དང་ ཡིག་ཚང་འདི་གིས་ ཟིན་འགོད་འཐབ་ནིའི་ནང་ ལྷན་ཐབས་ཀྱི་དོན་ལུ་ འབྲེལ་འཛིན་འགོ་དཔོན་ཅིག་ ཡིག་ཐོག་ལུ་ བསྐོ་བཞག་འབད་དགོཔ་ཨིན། སྡེ་ཚན་འདི་གིས་ ཁྲིམས་དོན་ཡིག་འཛིན་གཞན་ཡང་ ཟིན་འགོད་བཏབ་ཨིན།

བསྐྱར་ཞིབ་སྡེ་ཕྲན་གྱིས་ གཞུང་གི་ལས་སྡེ་གཞན་ཚུ་གིས་ ཟིན་འགོད་བཏབ་མི་དང་ གཞུང་གིས་ དྲི་གཏུགས་འབད་མི་ དཔྱད་ཡིག་ཚུ་བསྐྱར་ཞིབ་འབདཝ་ཨིནམ་དང་ ད་ལྟོ་ བསྟར་སྤྱོད་འབད་བཞིན་ཡོད་པའི་ཁྲིམས་ཚུ་ བསྐྱར་ཞིབ་འབད་དེ་ གཞུང་ལུ་ མཁོ་གལ་ཆེ་བའི་འཕྲི་སྣོན་གྱི་གྲོས་འཆར་ཕུལཝ་ཨིན། དེ་མ་ཚད་ གཞུང་གིས་ དྲི་གཏུགས་འབད་མི་ ཁྲིམས་དོན་ཡིག་འཛིན་གཞན་ཡང་ བསྐྱར་ཞིབ་འབདཝ་ཨིན།