ཉོགས་འཛིན་ཅན་གྱི་འབྲུག་གཞུང་བཟོ་བསྐྲུན་ལས་འགུལ་གྱི་དང་ལེན༼ལེགས་སྒྱུར༽།


རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བཀྲིས་སྒང་རྫོང་ཁག་བདག་སྐྱོང་ཡིག་ཚང་ལུ་ མེ་རག་གཞི་རྟེན་གསོ་བའི་སྨན་ཁང་དང་ བི་དུང་དང་དུང་རྩེ་སློབ་གྲྭའི་ ཨ་ལོའི་ཉལ་ཁང་རྐྱབ་མ་ཚར་བར་ཡོད་མི་ཚུ་ མཇུག་བསྡུ་དགོཔ་སྦེ་སླབ་ཡོདཔ་ཨིན། གོང་གི་བཟོ་བསྐྲུན་གྱི་ལཱ་མཚམས་འཇོག་འབད་དགོ་པའི་གནད་དོན་དེ་ཡང་ བཟང་མཆོང་བཟོ་བསྐྲུན་དང་བདེ་ཆེན་བཟོ་བསྐྲུན་གྱི་ཁག་འབགཔ་གཉིས་ཀྱིས་ རྫོང་ཁག་བཟོ་རིག་འགོ་དཔོན་དང་ཁ་མཐུད་དེ་ ཁྲིམས་འགལ་དང་གཡོ་ཟོལ་གྱི་བྱ་ངན་འཐབ་སྟེ་ ལས་འགུལ་འདི་ དུས་ཚོད་ཁར་མཇུག་བསྡུ་མ་ཚུགས་པའི་སྐོར་ལས་བདའ་ཟུན་པའི་ཤུལ་ རྩོད་གཞི་འདི་ ཞིབ་དཔྱད་ཀྱི་དོན་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ནང་བཏང་ཡོད་མི་ལས་བརྟེན་ཨིན་པས། དེ་བཞིན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྩོད་གཞི་འདི་ བསྐྱར་ཞིབ་དང་ཉེས་བཤེར་གྱི་དོན་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་བཏང་ཡོདཔ་ཨིན།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྩོད་གཞི་འདི་ བསྐྱར་ཞིབ་འབད་བའི་སྐབས་ལུ་ ཁག་འབགཔ་གིས་ ལས་འགུལ་འདི་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་པའི་ཤུལ་ལུ་ རྫོང་ཁག་བདག་སྐྱོང་ཡིག་ཚང་གིས་ ཁག་འབག་དགོངས་ཕོག་བཏང་ཡོདཔ་སྦེ་ཤེས་རྟོགས་བྱུང་ནུག དོ་རུང་ ཡིག་ཚང་གིས་ ཁག་འབགཔ་གིས་ ལཱ་དུས་ཚོད་ཁར་མཇུག་མ་བསྡུ་མི་དང་ རྩོད་ཟླ་འདི་ ཉེས་བཤེར་འབད་དགོ་མི་ལུ་བརྟེན་ བཟོ་བསྐྲུན་གྱི་ལཱ་འདི་ ནེ་ཚུན་ཚོད་ ཡུན་རིངམོ་སྦེ་ མཚམས་འཇོག་འབད་བཞག་དགོཔ་ཅིག་མེདཔ་སྦེ་ ཤེས་རྟོགས་བྱུང་ཡོདཔ་ཨིན། དེ་ཡང་ ག་ཅི་འབད་ཟེར་བ་ཅིན་ བཟོ་བསྐྲུན་གྱི་ལཱ་བཀག་བརྐྱབས་བཞག་མི་འདི་ ལོག་འགོ་བཙུགས་ཚུགས་ཀྱི་བར་ན་ ཡུན་འགྱངས་ལུས་མི་དེ་གིས་ ཟད་འགྲོ་ཐེབས་གནས་ནི་དང་ གཞུང་ལུ་ལོག་ཐོབ་མ་ཚུགས་པའི་གྱོང་རྒུད་སྦོམ་ཕོག་པ་མ་ཚད་ ཧེ་མ་ལས་ ཕྱིས་སོང་པའི་ལས་འགུལ་ལས་བརྟེན་ སློབ་གྲྭདང་མི་སྡེ་ལུ་གནོད་པའི་དཀའ་ངལ་ཚུ་ ངེས་པར་དུ་འབྱུང་ནི་ཨིན་པས། དེ་ཡང་ སྤྱི་ལོ་༢༠༡༨ སྤྱི་ཟླ་༡༠ པའི་སྤྱི་ཚེས་༢༢ ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱད་འགོ་བཙུགས་པའི་ཉིནམ་ལས་ཚུར་དང་ ཉེས་བཤེར་གྱི་དོན་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ འབྲེལ་གཏུགས་འབད་བའི་དུས་ཚོད་ དེ་ལས་ རྩོད་དཔོན་ཡིག་ཚང་ཧོངས་ལས་ བསྐྱར་ཞིབ་ ༼སྤྱི་ལོ་༢༠༡༩ སྤྱི་ཟླ་༡༠ པའི་སྤྱི་ཚེས་༡༤ ལུ༽ འབད་ཚར་བའི་ཉིན་མ་ཚུན་ བཟོ་བསྐྲུན་གྱི་ལཱ་བསྣར་འགྱངས་འབད་དེ་ ལོ་ངོ་༢ ལྷག་ཙམ་འགྱོ་ཡོདཔ་སྦེ་ ཤེས་རྟོགས་བྱུང་ཡོདཔ་ཨིན། 

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཞིབ་དཔྱད་དང་ཉེས་བཤེར་ དེ་ལས་ ཁྲིམས་ཀྱི་འདུན་སར་རྩོད་བཤེར་འབད་མི་ལས་བརྟེན་ རྩོད་གཞི་ལམ་ལུགས་ལུ་སྐྱོན་ཞུགས་ཀྱི་དཀའ་ངལ་སེལ་ཐབས་དང་ གཞུང་གི་བཟོ་བསྐྲུན་དང་འབྲེལ་བའི་རྩོད་གཞི་ཚུ་ རྒྱལ་ཡོངས་དང་མི་དམངས་ཀྱི་ཁེ་ཕན་ལུ་དམིགས་ཏེ་ ད་ལས་ཕར་ ཡིག་ཚང་འདི་ལུ་ འབྲེལ་གཏུགས་འབད་མི་རྩོད་གཞི་ཚུ་ གཤམ་འཁོད་ལྟར་ སྔོན་འགོག་འབད་ནི་ཨིན་མི་དེ་ཡངཿ

  • ༡༽ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྩོད་གཞི་གང་རུང་ཅིག་གི་ཐོག་ལུ་ ཞིབ་དཔྱད་མཇུག་བསྡུ་བ་དང་ གཞུང་གི་བཟོ་བསྐྲུན་དང་འབྲེལ་བའི་རྩོད་གཞི་གང་རུང་ཅིག་འབྲེལ་གཏུགས་འབད་ཡོད་ན་ ད་ལས་ཕར་ འབྲེལ་ཡོད་ལས་སྡེ་ཚུ་གིས་ ཆ་འཇོག་གྲུབ་པའི་དགོངས་ཕོག་བཀའ་རྒྱ་ཚུ་ བརྩི་འཇོག་དང་བསྐྱར་ཞིབ་འབད་ནི་ཨིནམ་དང་ ཁྲིམས་ཀྱི་འདུན་སར་ རྩོད་བཤེར་འབད་ནི་འགོ་མ་བཙུགས་པའི་ཧེ་མ་ལས་ སྔོན་འགོག་དང་ལྷོད་ཡངས་ཀྱི་ཐབས་ལམ་ཚུ་བསྒྲིག་ནི་ཨིན།
  • ༢༽ རྩོད་གཞི་ཡོད་ཚད་ཅིགཔོ་ ཁྲིམས་ཀྱི་རིམ་གྱིས་པ་དང་འཁྲིལ་དགོ་པའི་ཁར་ དཔྱད་ཞིབ་མཐིལ་ཕྱིན་འབད་དགོཔ་དང་ ཉེས་བཤེར་གྱི་དོན་ལུ་ འབྲེལ་གཏུགས་འབད་མི་རྩོད་གཞི་ཚུ་ སྐབས་བབ་བཀག་སྡོམ་ ཡང་ན་ དགོངས་ཕོག་བཀའ་རྒྱ་གང་རུང་ཅིག་གནང་ཡོད་མི་ཚུ་ མེདཔ་སྦེ་བཟོ་དགོ་པའི་གྲོས་ཐག་བཅད་ཅི། དེ་ཡང་ གཞུང་གི་རྩོད་བཤེར་ལས་བརྟེན་ བཅོ་ཐབས་མེད་པའི་གནོད་པ་ ཡང་ན་ དངུལ་འབྲེལ་གྱི་བྱེམ་ཕོག་ནི་ཚུ་ མར་ཕབ་བརྐྱབ་ཚུགས་པའི་ཐབས་ལུ་དམིགས་ཏེ་གྲོས་ཆོད་གྲུབ་ཡོདཔ་ཨིན།
  • ༣༽ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ འབྲེལ་གཏུགས་འབད་ཡོད་པའི་བཟོ་བསྐྲུན་དང་འབྲེལ་བའི་རྩོད་གཞི་གང་རུང་ཅིག་གི་ཐོག་ལུ་ ཡིག་ཚང་གིས་ འདི་འཕྲོ་ལས་ ཁག་འབག་གི་ལཱ་དགོངས་ཕོག་བཏང་ཡོད་མེད་ ཡང་ན་ རྒྱུ་དངོས་བཀག་འཛིན་འབད་ཡོད་མེད་ཀྱི་བརྟག་དཔྱད་འབད་ཞིནམ་ལས་ དེ་དང་འཁྲིལ་ཏེ་  འབྲེལ་ཡོད་ལས་སྡེ་ཚུ་ལུ་ རྩོད་བཤེར་རུང་བར་འཆར་བ་ཅིན་ ཁག་འབག་མཇུག་མ་བསྡུ་བར་ལུས་མི་ཚུ་ ལོག་འགོ་བཙུགས་དགོཔ་དང་ ཡང་ན་ བཀག་འཛིན་འབད་ཡོད་པའི་རྒྱུ་དངོས་ཚུ་ བཀག་འཛིན་མ་འབད་བར་བཞག་དགོ་པའི་བཀའ་སློབ་གནང་ནི་ཨིན།
  • ༤༽ གཞན་ཡང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ མཉམ་རུབ་ཀྱི་འབད་བརྩོན་ ཡང་ན་ ཡིག་ཐོག་ཀྱི་ཞུ་བ་བརྒྱུད་དེ་ གཞུང་གི་འབྲེལ་ཡོད་ལས་སྡེ་ཚུ་ལུ་ མཁོ་གལ་ཆེ་བའི་བར་འཛུལ་འབད་དགོ་པའི་ཞུ་སྐུལ་འབད་དགོ་མི་དེ་ཡང་ ཉེས་བཤེར་དང་ཁྲིམས་སྡེའི་དབྱེ་བཤེར་ལས་བརྟེན་ གཞུང་གི་ལས་འགུལ་ཚུ་འགོ་བཙུགས་ནི་ནང་ ཡུན་འགྱངས་མ་ལུས་ནིའི་ཐབས་ལུ་ཨིན། དེ་ཡང་ ཉེས་ཁྲིམས་གང་རུང་སྨིན་པ་ ཡང་ན་ ཁྲིམས་སྡེའི་དབྱེ་བཤེར་འཁྲུན་ཆོད་ལུ་ ཚུལ་མཐུན་བརྩི་འཇོག་འབད་བའི་ཤུལ་ འགོ་བཙུགས་ནི་ཨིན།
  • ༥༽དཔེར་ན་ བཀྲིས་སྒང་གི་རྩོད་གཞི་བཟུམ་སྦེ་ ཁྲིམས་མཐུན་ཐོག་ལུ་ ཁག་འབག་གི་ལཱ་ དགོངས་ཕོག་གཏངམ་བཞིན་ ཉེས་འཛུགས་ཅན་གྱི་ཉེས་བཤེར་འབད་ནི་དང་ ཉེས་ཅན་གྱི་རྩོད་བཤེར་ཡུན་འགྱངས་ལས་བརྟེན་ བདག་སྐྱོང་གི་ཕྱག་ལཱ་གནང་ནི་ནང་ལུ་ བར་ཆད་བརྐྱབ་ནི་མེན་པར་ ཁྲིམས་མཐུན་ཐོག་ལས་ ལོག་རིན་བསྡུར་འབད་ནི་ ཡང་ན་ ཁག་འབག་གི་ལཱ་འདི་ འཕྲོ་མཐུད་དེ་འབད་ཚུགསཔ་འབད་དགོ
  • ༦༽ རྫོང་ཁག་དབང་འཛིན་གྱིས་ ཁག་འབག་གི་ལཱ་འདི་ ཁྲིམས་མཐུན་ཐོག་ལུ་ དགོངས་ཕོག་བཏང་ཡོད་རུང་ ལོག་སྟེ་རིན་བསྡུར་འབད་ནི་ ཡང་ན་ ལཱ་འདི་འཕྲོ་མཐུད་དེ་འབད་ནི་ཚུ་ བསྣར་མ་བཞག་པར་འབད་ཚུགསཔ་ཨིནམ་སྦེ་ ང་བཅས་ཡིག་ཚང་གིས་ ཤེས་རྟོགས་བྱུང་ཡི། ཨིན་རུང་ ང་བཅས་ཡིག་ཚང་གིས་ རྩོད་གཞི་འདི་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ཞིབ་དཔྱད་འོག་དང་ ཉེས་བཤེར་འབད་ནིའི་དོན་ལུ་ རྩོད་དཔོན་ཡིག་ཚང་ནང་འབྲེལ་གཏུགས་འབད་བའི་གནད་ལས་བརྟེན་ རྫོང་ཁག་དབང་འཛིན་གྱིས་ ཁག་འབག་གི་ལཱ་འདི་ འཕྲོ་མཐུད་མ་འབད་བར་མཚམས་འཇོག་འབད་བཞག་ཡོདཔ་སྦེ་ཞིབ་རྟོག་བྱུང་ཡི།
  • ༧༽ རྩོད་དཔོན་ཡིག་ཚང་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ཞིབ་དཔྱད་ཚུ་ བསྐྱར་ཞིབ་འབད་བལྟཝ་ད་ ཁག་འབགཔ་དེ་ལུ་ ཉེས་འཛུགས་བཀལ་མི་དང་བསྟུན་པའི་ཉེས་བཤེར་འབད་དགོཔ་ཡོདཔ་ལས་བརྟེན་ ཁག་འབག་གི་ལཱ་མཇུག་མ་བསྡུ་བར་ཡོད་མི་ཚུ་ ལོག་འབད་ནིའི་དོན་ལུ་ ཁྲིམས་མཐུན་གཞི་གནས་མེད་པ་ ཡང་ན་ བདེན་ཁུངས་མེདཔ་སྦེ་ཞིབ་རྟོག་བྱུང་ཡི།
  • ༨༽ ཁག་འབག་གི་ལཱ་དགོངས་ཕོག་བཏང་ཡོད་མི་དང་ དེ་ལས་བརྟེན་ ལས་འགུལ་དུས་ཚོད་ཁར་ མཇུག་མ་བསྡུ་བར་ལུས་མི་དེ་གིས་ འབྲུག་གཞུང་ལུ་ དངུལ་གྱི་བྱེམ་སྦོམ་སྦེ་ཕོག་དོ་ཡོདཔ་ཨིན། དེ་ཡང་ ལས་འགུལ་མཇུག་མ་བསྡུ་བར་ བསྣར་འགྱངས་འབད་མི་དེ་གིས་ ཉིནམ་གཅིག་ལས་ཉིནམ་གཅིག་ བཟོ་བསྐྲུན་དང་འབྲེལ་བའི་ཅ་ཆས་ཀྱི་གོང་ཚད་ཡར་འཛེགས་པ་གིས་མ་ཚད་ སྔོན་འགོག་གི་བྱ་སྒོ་ག་ནི་ཡང་མ་འཐབ་པར་ ས་ཁོངས་དང་ཡོད་པའི་བཟོ་བསྐྲུན་རྒྱུ་ཆས་དང་ ཤིང་ཆས་ཀྱི་ལཱ་ དེ་ལས་ ཧེ་མ་ལས་ ལས་འགུལ་གྱི་ས་ཁོངས་ནང་འགོ་བཙུགས་ཡོད་པའི་འབྲེལ་ཡོད་ལཱ་ཚུ་ གཡོག་བཀོལ་མ་བཏུབཔ་ལུ་འགྱུར་ནི་དང་ དེ་གིས་ རྒྱལ་ཁབ་ལུ་ སྐུ་གྱོང་སྦོམ་བསྐྱེད་དོ་ཡོདཔ་སྦེ་ ཞིབ་རྟོག་བྱུངམ་ཨིན་པས།

༼ལུང་བསྟན་གྲུབ་འགྱུར་༽ 

རྩོད་དཔོན་ཡོངས་ཁྱབ།