རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ བདག་སྐྱོང་དང་དངུལ་རྩིས་སྡེ་ཕྲན་འདི་ གཞུང་གི་ལྷན་ཁག་དང་ལས་ཁུངས་སོར་སོའི་ བདག་སྐྱོང་དང་དངུལ་དང་ ཅོག་འཐདཔ་སྦེ་ ལཱ་འབད་དོ་ཡོདཔ་དང་ སྡེ་ཕྲན་འདི་ ཤུལ་ལས་ ཡིག་ཚང་གི་མཁོ་གལ་དང་བསྟུན་ཏེ་ བདག་སྐྱོང་གཙོ་འཛིན་འགོ་དཔོན་ཅིག་ བསྐོ་བཞག་འབད་ཐོག་ལས་ སྡེ་ཚན་ལུ་ ཡར་སེང་བརྐྱབ་ནི་ཨིན། ད་ལྟོའི་གནས་སྟངས་འབད་བ་ཅིན་ བདག་སྐྱོང་སྡེ་ཕྲན་འདི་ མི་སྟོབས་ཞིབ་རོགས་འགོ་དཔོན་གྱིས་ འགོ་ཁྲིད་འབད་དོ་ཡོདཔ་དང་ དེ་བཟུམ་སྦེ་ དངུལ་རྩིས་སྡེ་ཕྲན་འདི་ རྩིས་འཛིན་པ་གོངམ་གིས་ འགོ་ཁྲིད་འབད་དེ་ཡོད།
ད་ལྟོ་ཡོད་པའི་ཡིག་ཚང་གཞི་བཀོད་འདི་ སྤྱི་ལོ་༢༠༡༦སྤྱི་ཟླ་༦པའི་སྤྱི་ཚེས་༢༨ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ གནང་བ་ གནང་གནངམ་ཨིན།