Author: Admin

  • ས་སྟོང་གསལ་བསྒྲགས།

    སྤྱི་ལོ་༢༠༡༨སྤྱི་ཟླ་༡པའི་སྤྱི་ཚེས་༥ལུ། རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ལུ་ འཕྲལ་མགྱོགས་བསྐོ་བཞག་འབད་ནིའི་དོན་ལུ་ གཤམ་གསལ་ལཱ་གཡོག་གི་ས་སྟོང་ཚུ་ ཡོདཔ་ལས་ འོས་འབབ་ལྡན་པའི་འབྲུག་མི་ཚུ་གིས་ ཡིག་ཚང་འདི་གི་ བདག་སྐྱོང་/མི་སྟོབས་གཙོ་འཛིན་ཡིག་ཚང་ནང་ ཞུ་ཡིག་བཙུགས་གནང་།༡༽ ཞིབ་རོགས་བདག་སྐྱོང་འགོ་དཔོན།༢༽ དེད་གཡོགཔ་༣པ།ཞུ་ཡིག་དང་གཅིག་ཁར་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ལཱ་གཡོག་ཞུ་ཡིག་བཀང་ཤོག་འདི་ བཀང་སྟེ་ ཁྱད་ཡོན་གྱི་ཐོ་དང་གཞན་ དགོས་མཁོའི་ཡིག་རིགས་དང་སྦྲགས་ཏེ་ བཙུགས་གནང་།

  • ཞིབ་འཚོལ་དང་བརྡ་དོན་འཕྲུལ་རིག་སྡེ་ཚན།

    སྡེ་ཚན་འདི་ ཧེ་མ་འབད་བ་ཅིན་ ཞིབ་འཚོལ་དང་དཔེ་མཛོད་སྡེ་ཚན་ཟེར་ཨིན་རུང་ དཔེ་མཛོད་འདི་ བརྡ་དོན་འཕྲུལ་རིག་གིས་ འགབ་ཚུགས་ནི་ཨིནམ་ལས་ ཞིབ་འཚོལ་དང་བརྡ་དོན་འཕྲུལ་རིག་སྡེ་ཚན་ལུ་ སྒྱུར་བཅོས་འབད་དེ་ཡོད། དེ་ཡང་ འཛམ་གླིང་ནང་ བརྡ་དོན་འཕྲུལ་རིག་འདི་ མེད་ཐབས་མེདཔ་ཅིག་ལུ་ འགྱུར་སོངཔ་ལས་ དཔེ་མཛོད་འདི་ ཁུངས་གཏུགས་དཔེ་དེབ་རིགས་ རྐྱངམ་ཅིག་བཞག་ནི་མེན་པར་ མ་འོངས་བུ་བརྒྱུད་ཀྱི་དོན་ལུ་ བྱུང་རབས་དང་ལྡན་པའི་ཤེས་ཡོན་ཅན་ཅིག་སྦེ་ གནས་ཐབས་ལུ་ཨིན། དེ་འབདཝ་ལས་ ཞིབ་འཚོལ་དང་བརྡ་དོན་འཕྲུལ་རིག་སྡེ་ཚན་འདི་ ཞིབ་འཚོལ་སྡེ་ཕྲན་ བརྡ་དོན་འཕྲུལ་རིག་སྡེ་ཕྲན་ དཔེ་མཛོད་དང་ཡིག་ཐོག་བཀོད་འཛིན་སྡེ་ཕྲན་བཅས་ སྡེ་ཕྲན་ཁག་གསུམ་ལུ་ དབྱེ་སྟེ་ཡོད། ཞིབ་འཚོལ་སྡེ་ཕྲན་གྱིས་ ཤེས་ཡོན་གསརཔ་ བསྡུ་ལེན་དང་ དེའི་ལག་ལེན་འཐབ་ནི་རྐྱངམ་ཅིག་མེན་པར་ འཕྲལ་གྱི་རྒྱབ་རྟེན་ཤེས་ཡོན་ དུས་མཐུན་དང་ ཡར་དྲགས་གཏང་ནི་ལུ་ཡང་ གཙོ་བོར་བཏོན་དགོ་པའི་འགན་ཁུར་བཅོལ་ཏེ་ཡོད། དེ་མ་ཚད་ མཁོ་གལ་དང་བསྟུན་ རྒྱལ་སྤྱི་གོང་འཕེལ་དང་འབྲེལ་གཏུགས་འབད་དེ་ གལ་གནད་ཆེ་བའི་རྒྱལ་ཡོངས་ཁྲིམས་དོན་དང་འབྲེལ་བའི་གནད་དོན་ཐོག་ལུ་ ཞིབ་འཚོལ་དང་འགྲེལ་བཤད་ཡོངས་རྫོགས་འབད་དགོ་པའི་འགན་དབང་ཡོད། བརྡ་དོན་འཕྲུལ་རིག་སྡེ་ཕྲན་གྱིས་ ཡིག་ཚང་གི་བརྡ་དོན་འཕྲུལ་རིག་དང་འབྲེལ་བའི་ལཱ་ཚུ་ འབདཝ་ཨིན། གཞུང་གི་མ་དངུལ་རྒྱབ་སྐྱོར་དང་འཁྲིལ་ཏེ་ སྡེ་ཕྲན་འདི་གིས་ བརྡ་དོན་འཕྲུལ་རིག་གི་མཐུན་རྐྱེན་གྱི་རིགས་ དུས་རྒྱུན་རྒྱ་བསྐྱེད་དང་ཡར་དྲག་གཏང་ཐོག་ལས་ ཡིག་ཚང་ལུ་ ཕན་ནུས་ཆེ་བའི་བརྡ་དོན་འཕྲུལ་རིག་ཞབས་ཏོག་ཚུ་ བྱིནམ་མ་ཚད་ ཡིག་ཚང་གི་ཡོངས་འབྲེལ་འཆར་སྒོ་ཡང་ རྒྱུན་སྐྱོང་འཐབ་ཨིན། ཡིག་ཚང་གི་ཡོངས་འབྲེལ་འཆར་སྒོ་འདི་གིས་ གལ་མཁོའི་ཁྲིམས་དོན་དཔེ་སྐྲུན་དང་ ཡོངས་འབྲེལ་ཐོག་གི་བརྡ་དོན་ཚུ་ མི་མང་གིས་ […]

  • ཉེས་བཤེར་དང་རྩོད་བཤེར་སྡེ་ཚན།

    སྡེ་ཚན་འདི་ནང་ ཡིག་ཚང་གི་ལཱ་དང་འགན་ཁུར་ ལྕི་དྲགས་སྦེ་ཡོདཔ་ལས་ རྩོད་དཔོན་གྱི་ཁ་གྱངས་ཡང་ མང་སུ་སྦེ་ཡོདཔ་ཨིན། སྡེ་ཚན་འདི་ལུ་ ཁྲིམས་དོན་གྱི་ལཱ་འགན་མང་སུ་སྦེ་ འགན་བཅོལ་འབད་མི་དེ་ཡང་ གཙོ་བོ་ར་ རྩོད་གཞི་འདི་ནང་ གྲལ་གཏོགས་འབད་མི་ཚུ་ལུ་ བདེན་ཁུངས་མེད་པའི་ཐེ་གཏོགས་འབྱུང་མ་བཅུག་པར་ རང་དབང་བྱིན་ནིའི་དོན་ལུ་ཨིན། དེ་འབདཝ་ལས་ སྡེ་ཚན་འདི་ འབད་བརྩོན་གང་དྲག་གི་ཐོག་ལས་ གཙོ་རིམ་བཟུང་སྟེ་ ལཱ་འབད་མི་སྡེ་ཚན་ཅིག་ཨིན། དེ་དང་འཁྲིལ་ཏེ་ ཡིག་ཚང་གིས་      ར་ཁུངས་ཅན་གྱི་རྩོད་གཞི་ཅིག་ཐོབ་པའི་ཤུལ་ དེ་འཕྲོ་ལས་ སྒྲུབ་བྱེད་བརྟག་དཔྱད་དང་ མི་མང་ཁེ་ཕན་བརྟག་དཔྱད་ཚུ་འབདཝ་ཨིན། སྒྲུབ་བྱེད་བརྟག་དཔྱད་ཀྱི་སྐབས་ ཉེས་ལས་ཀྱི་སྒྲུབ་བྱེད་རྐྱངམ་ཅིག་གིས་ མ་ཚད་པར་ ཉེས་འཛུགས་ཅན་ལུ་ ཉེས་འཛུགས་བཀལ་ནིའི་དོན་ལུ་ ཁྲིམས་ཀྱི་རེ་སྐོང་ཡོངས་སུ་རྫོགས་པའི་སྒྲུབ་བྱེད་བཀོད་དགོ་ ཡང་ན་ འོས་འབབ་ཅན་གྱི་དྲང་དཔོན་གང་རུང་ཞིག་གིས་ ཉེས་འཛུགས་ཅན་ལུ་ ཐེ་ཚོམ་ལས་གྲོལ་བའི་ཉེས་སྐྱོན་ཡིན་པར་ བརྩིས་ཚུགས་པའི་སྒྲུབ་བྱེད་དགོ། དེ་བཟུམ་སྦེ་ སྤྱི་དོན་བརྟག་དཔྱད་ཀྱི་ཐད་ཁར་ཡང་ ཉེས་འཛུགས་ཅན་ལུ་ ཉེས་འཛུགས་བཀལ་ནིའི་སྒྲུབ་བྱེད་དཔང་པོ་ལ་སོགས་པ་ཚུ་ཡོད་དེ་འབད་རུང་ མི་མང་ལུ་གནོད་པ་ དཔེར་ན་ འབྲེལ་ཆགས་མེད་པའི་ཁྲིམས་ཀྱི་འཛིང་འཁྲུག་ ཡང་ན་ སྲུང་སྐྱོབ་ལུ་གནོད་ནི་ཨིན་པ་ཅིན་ ཉེས་འཛུགས་ཅན་འདི་ ཁྲིམས་ཀྱི་འདུས་སར་སྐྱེལ་ནི་མེད། དེ་འབད་ནི་དེ་གིས་ ཡིག་ཚང་གིས་ མང་མང་མཐའ་དོན་ལུ་ གནོད་ནི་མེདཔ་སྦེ་ ངེས་གཏན་མ་བཟོ་བར་དུ་དང་ སྒྲུབ་བྱེད་དཔང་པོ་ག་ར་ཚངམ་སྦེ་མ་ཐོབ་ཚུན་ཚོད་ ཁྲིམས་སར་སྐྱེལ་ནི་མེད།